首页
下载应用
提交文章
关于我们
🔥 热搜 🔥
1
1
2
1'"
3
@纽约时间
4
@诉说趣闻
5
bxss.me
6
1'
7
/\bxss.me
8
c:/windows/win.ini
9
@调研纪要
10
//bxss.me
分类
社会
娱乐
国际
人权
科技
经济
其它
首页
下载应用
提交文章
关于我们
🔥
热搜
🔥
1
1
2
1'"
3
@纽约时间
4
@诉说趣闻
5
bxss.me
6
1'
7
/\bxss.me
8
c:/windows/win.ini
9
@调研纪要
10
//bxss.me
分类
社会
娱乐
国际
人权
科技
经济
其它
二湘:朱令去世一周年,清华学子控诉清华在朱令案中的冷血和无耻
“四川大学姜涛与爱人程月玲”,你们现在还好吗?
为了这部描述从“反右”到“文革”的禁片,田壮壮付出了十年不能拍片的代价
关于字节基建
李宜雪的良知卖了2万元,真正需要声援的是罗灿宏啊
生成图片,分享到微信朋友圈
查看原文
其他
མདོ་དབུས་མཐོ་སྒང་གི་དཔེ་མཚོན་རྒྱན་གོས་ཀྱི་ཁྱད་ཆོས།
Original
CHARU迦入
CHARU
2022-09-30
收录于合集 #喜马拉雅艺术
180个
汉语版
点击图片阅读
▼
穿在身上的艺术 ▎青藏高原的典型服饰风格
©folkcostume.blogspot.com
©folkcostume.blogspot.com
©flickr.com
©imaginative.nl
pinterest @ddodo2590
《Tibetan Dress: In Amdo & Kham》by Gina Corrigan མདུན་ཤོག
རྒྱན་གོས་ནི་ལུས་སྟེང་དུ་གྱོན་པའི་སྒྱུ་རྩལ་ཞིག་ཡིན་ལ།
མི་རིགས་ཤིག་གི་ཆེས་ཐད་མཐོང་གི་མཚོན་རྟགས་ཤིག་ཀྱང་ཡིན།
བོད་མའིི་རྒྱན་གོས་དེ་མཛེས་སྡུག་ལྡན་ལ་
ཐུན་མིན་གྱི་ཁྱད་ཆོས་མངོན་གསལ་ལྡན་པར་མ་ཟད།
ལོ་རྒྱུས་ཀྱང་ཡུན་རིང་ཞིག་ལྡན།
©norlha.com
ད་ལྟའི་བར་ལོ་ངོ་བཞི་སྟོང་ལྔ་སྟོང་གི་ལོ་རྒྱུས་ལྡན་པའི་
ཆབ་མདོའི་མཁར་རོ་གནའ་ཤུལ་དུ་རྒྱན་ཆ་༥༠ལྷག་གསར་རྙེད་བྱུང་།
ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ནང་དུ་བོད་མིའི་མེས་པོ་ཚོས་
སྣམ་བུ་འཐག་ནས་རྒྱན་གོས་བཟོ་བ།
ནོར་གནག་གིས་རྩིད་པ་འཐག་ནས་སྦྲ་གུར་བཟོ་བ་སོགས་བཀོད་ཡོད།
འདིའི་བོད་མིའི་སྲོལ་རྒྱུན་གྱི་རྒྱན་གོས་དེ་
ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་སྔ་མོ་ནས་གོམས་སྲོལ་དུ་གྱུར་ནས་
གཅིག་རྒྱུན་གཅིག་འཛིན་བྱས་ཡོད་པ་ཤེས་ཐུབ།
©folkcostume.blogspot.com
བོད་མིའི་རྒྱན་གོས་ནི་གྱོན་ཆས་དང་རྒྱན་ཆ་རིགས་གཉིས་སུ་དབྱེ་ཆོག
སྔོན་མ་དེ་བོད་ལྭ་ཡིན་ཞིང་། དེའི་ཁྱད་ཆོས་གཙོ་བོ་ནི་
གོང་ཞེང་ཆེ་བ་དང་སྐེད་པ་ཆེ་བ།
ཕུ་རུང་རིང་བ།
ཐུ་བ་གསེག་པ་བཅས་གོང་འོག་འབྲེལ་ཡོད་པས་གྲུབ་ཆ་སྟབས་བདེ་པོ་ཡོད།
གནམ་གཤིས་དང་དུས་ཚིགས་ལ་གཞིགས་ནས་སྲབ་མཐུག་གི་ཁྱད་པར་ཕྱེ་ཡོད།
ཆ་ཤས་ཀྱི་གྲུབ་ཚུལ་འགྱུར་ལྡོག་ཡུལ་བབ་དང་བསྟུན་དགོས།
©folkcostume.blogspot.com
དཔེར་ན་དབུས་གཙང་
(
ལྷ་ས་གཙོ་བོར་བྱས་པ་
)
ཕྱོགས་ཀྱི་བུད་མེད་མང་ཆེ་བའི་
ཕུ་ཐུང་ཅན་གྱི་བོད་ལྭ་གྱོན་པ་དང་།
ནང་དུ་ནང་འཇམ་དང་
སྐེད་པར་སྣམ་བུའི་སྨད་གཡོགས་ཀྱི་གཡོགས་ནས་དེའི་སྟེང་དུ་པང་གདན་བཅིངས་ཡོད།
ཉིང་ཁྲི་ཀོང་པོ་ས་ཁུལ་གྱི་ཕོ་མོ་ཚང་མས་ཕུ་ཐུང་ཅན་གྱི་བོད་ལྭ་ནག་པོ་གྱོན་པ་དང་།
མངའ་རིས་ས་ཁུལ་དུ་སྐད་གྲགས་ཆོད་པའི་སྤུ་ཧྲེང་གི་རྒྱན་གོས་གྱོན།
བོད་ཁུལ་གྱི་ས་ཆ་མང་ཆེ་བའི་རྒྱན་གོས་ཀྱི་གྲུབ་ཚུལ་ཡོངས་ཁྱབ་ཏུ་གཅིག་མཐུན་ཡིན་ཏེ་
གོང་ཞེང་ཆེ་བ་དང་ཕུ་རུང་རིང་བ། ཐུ་བ་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན།
©folkcostume.blogspot.com
སྤྱིར་བཏང་དུ་བོད་ལྭ་གྱོན་པའི་སྐབས་སུ་ཐུ་བ་ཕན་ཚུན་བསྣོལ་ནས་
སྐེད་རགས་ཀྱིས་དམ་པོར་བསྡམས་དགོས་ཤིང་
ལྟེབ་མར་ཡོད་པའི་བོད་ལྭ་ནི་རང་དགར་བྱུང་བ་དང་མཚུངས།
བུད་མེད་ཀྱི་བོད་ལྭ་རིང་ཞིང་རྐང་པའི་ལོང་བུའི་མཚམས་སུ་ཐོན་ཡོད་པ་དང་།
སྐེད་རགས་ཀྱི་མཚམས་ཅུང་མཐོ་བས་སྨད་གཡོགས་ཀྱིས་ལུས་པོའི་ཆ་ཤས་ཟིན་ནས་
མཛེས་ཤིང་ཐུན་མིན་གྱི་ཁྱད་ཆོས་མངོན་གསལ་ལྡན།
©tibettravelexpert.com
སྐྱེས་པའི་བོད་ལྭའི་སྒབ་གཤམ་པུས་མོའི་གོང་དུ་ཐོན་ཡོད་ལ།
སྐེད་རགས་རྐེད་པའི་འོག་ཏུ་ཐོན་ཡོད།
རྐང་སྣམ་དང་འཇུར་རྟ་ཕྱིར་མངོན་ནས་
སྟབས་བདེ་བའི་འགུལ་སྟངས་ཆེན་པོ་ཞིག་གིས་སྐྱེས་པའི་སྤོབས་པ་མངོན་ཡོད།
©folkcostume.blogspot.com
བོད་ལྭའི་རྒྱུ་ཆ་ཕུན་སུམ་ཚོགས་ལ།
གྱོན་ཆས་ཀྱི་རྒྱུ་ཆའི་མཐོང་ཚོར་དང་ལག་ཚོར་ལས་
བོད་ལྭའི་རྒྱུ་ཆ་རིགས་བཞི་རུ་ཕྱོགས་བསྡུས་བྱས་ཆོག
གཅིག་ནི་སྣམ་བུ་སོགས་བལ་འཐག་དངོས་པོ་ཡིན་པ་དང་།
དེའི་སྤམ་ཆེ་ལ་ཞིབ་ཚགས་པའི་ཁྲ་རིས་ཀྱིས་མི་རྣམས་ལ་
དྲོད་ཁོལ་དང་གྲལ་དག ཡིད་དུ་འོངས་ཞིང་ཉམས་དགའ་བའི་ཚོར་སྣང་སྟེར།
©folkcostume.blogspot.com
གཉིས་ནི་དར་གོས་ཀྱི་འཐག་དངོས་ཡིན།
དེའི་ཁྱད་ཆོས་ནི་བཀྲག་མདངས་ལྡན་པ་དང་འཇམ་ཤ་དོད་པ།
ཞིབ་ཅིང་ཕྲ་བ། གྲལ་དག་བཅས་ཀྱིས་མི་རྣམས་ལ་
མཛེས་སྡུག་དང་མཆོག་གྱུར་གྱི་ཚོར་བ་སྟེར།
གསུམ་ནི་རྫས་འགྱུར་ཚི་སྣ་དང་རང་བྱུང་བསྲེས་འཐག་དངོས་པོ་ཡིན།
དེའི་མི་རྣམས་ལ་གཟབ་ནན་དང་མཛེས་སྣང་ཡག་པོ་ཞིག་སྟེར།
བཞི་ནི་ཟོག་ནོར་སོགས་སྲོག་ཆགས་ཀྱི་པགས་པས་འཐག་དངོས་ཡིན་ལ།
དེའི་མི་རྣམས་ལ་སྤྱོད་ཤན་ཆེ་བའི་ཚོར་བ་ཞིག་སྟེར།
©folkcostume.blogspot.com
བོད་ལྭར་བཀོལ་སྤྱོད་ཀྱི་རིན་ཐང་ཆེས་ཆེར་ལྡན་ལ།
མཛེས་དཔྱོད་ཀྱི་ལྟ་བར་མཐོང་ཆེན་བྱེད།
གྲང་ངར་འགོག་པ་དང་དྲོད་འཛིན་པ་ནི་དེའི་བྱེད་ནུས་གཙོ་བོ་ཡིན།
ཉིན་དཀར་རྒྱན་གོས་བྱས་ཆོག་པ་དང་མཚན་མོར་ཉལ་ཁེབས་ཀྱི་ཚབ་བྱས་ཆོག
འདི་ནི་སྔོན་བྱོན་མེས་པོས་བོད་ལྭར་གནང་བའི་བཀོལ་སྤྱོད་ཀྱི་རིན་ཐང་ཡིན།
©folkcostume.blogspot.com
མཛེས་དཔྱོད་ཀྱི་ཐད་ནས་རྣམ་པ་སྣ་ཚོགས་ཤིག་ཡིན་ལ།
རྒྱན་ཆ་མི་འདྲ་བས་ལུས་ཡོངས་རྒྱན་ནས།
སྤུས་ཀ་ཁྱད་དུ་འཕགས་ལ་རྣམ་པ་གསར་བའི་ངང་ནས་
དངོས་པོའི་ཕན་ནུས་ལེགས་པར་མངོན་ཡོད།
གནའ་མིའི་ཁ་དཔེ་ལ་
“
ས་ཆ་རེ་ན་དཔེ་རེ། ལུང་པ་རེ་ན་ཆུ་རེ།
”
©folkcostume.blogspot.com
སྤྱིའི་ཆ་ནས་བཤད་ན་
བོད་མིའི་རྒྱན་ཆའི་ནང་དུ་གསེར་དངུལ་གྱི་ཐོན་རྫས་དང་བྱུ་རུ།
གཡུ། སྤོས་ཤེལ། མཆོང་། མརྒཏ།
མུ་ཏིག་སོགས་ཀྱིས་བཟོས་པའི་ནོར་བུའི་རིགས་ཚུད་ཡོད།
བུད་མེད་རྣམས་ཀྱིས་རྒྱུན་དུ་རྣ་ལུང་དང་མགུལ་རྒྱན།
ལག་གདུབ། མཛུབ་དཀྲིས་སོགས་འདོགས་པ་དང་།
སྐྱེས་པ་རྣམས་ཀྱིས་རལ་གྲི་དང་ཞྭ་མོ། རྣ་ལུང་སོགས་འདོགས་པར་དགའ།
འདིིའི་མདོ་དབུས་མཐོ་སྒང་གི་དཔེ་མཚོན་རྒྱན་གོས་ཀྱི་ཁྱད་ཆོས་ཞིག་གྲུབ་ཡོད།
©thelittletibet.com
བྱུ་རུ་ནི་བོད་མི་རྣམས་ཆེས་དགའ་བའི་རྒྱན་ཆའི་གྲས་ཤིག་ཡིན།
ཧ་ཅང་རྩ་ཆེ་བའི་རང་བྱུང་གི་རྒྱུ་རྡོ་སྲོག་ཆགས་དང་འདྲ་བའི་རྩི་ཤིང་ཞིག་ཡིན།
བྱུ་རུ་ནི་རྒྱ་མཚོའི་སྐྱེ་དངོས་ཟགས་ཐོན་གྱི་རུས་པས་གྲུབ་པ་ཞིག་ཡིན།
རིམ་བཞིན་སྲ་མཁྲེགས་སུ་གྱུར་ནས་རང་བྱུང་གི་ཅུང་ཙམ་ཟད་ནས་
ཕྱི་ངོས་སུ་ཡོད་པའི་གས་སྲུབས་ནི་རང་བྱུང་བྱུ་རུའི་མཚོན་རྟགས་ཡིན་པར་འདོད།
དུས་རབས་༡༩པའི་བོད་ལྗོངས་ཀྱི་མགུལ་རྒྱན།
ཕར་བལྟས་ན་བྱུ་རུ་ནི་རྒྱ་མཚོའི་ནང་གི་ཚོན་མདོག་ལྡན་པའི་
རྩི་ཤིང་ཞིག་དང་འདྲ་ལ་རྒྱ་མཚོའི་ནོར་བུ་ཡང་ཟེར།
འདི་ལ་ཁ་མདོག་གཙོ་བོ་གཉིས་ཡོད་དེ་དམར་པོ་དང་ཟིང་སྐྱ་ཡིན།
ད་དུང་ཁ་མདོག་དཀར་པོ་དང་ནག་པོའང་ཡོད།
རྒྱུ་སྤུས་ཆེས་བཟང་བ་ནི་དམར་པོའི་རིགས་ཡིན་ལ་
འདི་ནི་བོད་མི་རྣམས་འདོགས་པར་དགའ་བའི་བྱུ་རུ་དམར་པོ་ཡིན།
pinterest ©Sodo Abo
གནའ་བོའི་བོད་མིའི་བྱུ་རུ་མང་ཆེ་བ་ནི་
དོན་དངོས་སུ་ལོ་ངོ་སྟོང་ཕྲག་འགའི་སྔོན་གྱི་ས་དབུས་རྒྱ་མཚོ་ནས་བྱུང་བ་ཡིན་ལ།
དར་གོས་ཚོང་ལམ་བརྒྱུད་ནས་ཏ་ཟིག་དང་ས་མར་ཁནད།
ལ་དྭགས་སོགས་བརྒྱུད་ནས་ལྷ་སའི་ཁྲོམ་རར་ཐོན་པ་རེད།
pinterest ©Sodo Abo
ལོ་་ངོ་སྟོང་ཕྲག་འགའི་རིང་དུ་བྱུ་རུ་ནི་བོད་ཡུལ་དང་ཧི་མ་ལ་ཡ་ས་ཁུལ་གྱི་
ཆེས་རིན་ཐང་ལྡན་པའི་གཟུགས་ཡོད་རྒྱུ་ནོར་གྱི་རྣམ་པ་ཞིག་ཡིན།
མི་རྣམས་ཀྱིས་རྒྱུན་དུ་རྒྱན་ཆའི་རྣམ་པས་བྱུ་རུ་ལུས་སྟེང་དུ་འདོགས་ལ།
དཔེར་ན། མགུལ་རྒྱན་དང་རྣ་ལོང་། མཛུབ་དཀྲིས་ལྟ་བུ།
དེ་དང་ཆབས་ཅིག་བྱུ་རུ་ནི་བོད་པའི་བུད་མེད་རྣམས་
གནས་ལ་འགྲོ་དུས་ཀྱི་རྫོངས་སྐལ་ཡིན།
ཨ་མས་བུ་མོར་སྤྲད་པའི་ལག་རྟགས་རྩ་ཆེ་ཤོས་དེའང་ཡིན།
©luminous-landscape.com
བྱུ་རུ་ནི་བོད་ལུགས་གསོ་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་
རྒྱུན་དུ་དུག་སེལ་སྨན་རྫས་སུ་སྤྱོད་པ་དང་
ཁྲག་དང་འབྲེལ་བ་ཡོད་པའི་ནད་རིགས་སོགས་སྨན་བཅོས་བྱེད།
དེ་ཡང་སྲུང་འཁོར་དུ་བརྩིས་ནས་རང་ཉིད་ཀྱི་ལུས་སྟེང་དུ་བཏགས་ན་
ཁོང་ཁྲོ་དང་སེམས་ཁྲལ།
གནོན་ཤུགས་དང་སྐྱོ་སྣང་སོགས།
ལྡོག་ཕྱོགས་ཀྱི་སེམས་ཁམས་ཇེ་ཉུང་དུ་གཏོང་ཐུབ་པར་འདོད།
©Matador Network
ཧེ་ཀེར་གྱིས་རྒྱན་གོས་ནི་འགུལ་སྐྱོད་ཀྱི་འཛུགས་སྐྲུན་ཞིག་དུ་དཔེ་བཞག་ནས།
“སྒྱུ་རྩལ་གྱི་རང་བཞིན་ལྡན་པའི་རྒྱན་གོས་ལ་རྩ་དོན་ཞིག་ཡོད་པ་སྟེ།
དེ་ཡང་འཛུགས་སྐྲུན་བརྩམས་ཆོས་ཤིག་དང་འདྲ་བར་ཐག་གཅོད་བྱེད་དགོས།
འཛུགས་སྐྲུན་བརྩམས་ཆོས་ནི་འཁོར་རྒྱུག་གི་སྒྲིབ་ཡོལ་ཞིག་ཡིན་ལ།
མི་ནི་དེའི་ཁྲོད་ནས་རང་དབང་གིས་འགུལ་སྐྱོད་བྱེད་ཐུབ།
”
©aculturame.com Jan Reurink
མི་ནི་རྒྱན་གོས་ཀྱི་བདག་པོ་ཡིན་པ་དང་།
ལུས་སྟེང་གི་རྒྱན་གོས་ཀྱིས་
མིའི་ཁོར་ཡུག་དང་གནམ་གཤིས་ལ་འཕྲོད་པར་ཕན་པ་ཡོད་དགོས་ལ།
མིའི་བསམ་པའི་དོན་གཉེར་སྐོང་ཐབས་བྱ་དགོས་པ་མ་ཟད།
མིའི་སེམས་གཏིང་གི་འཇིག་རྟེན་ཡང་མངོན་པར་བྱ་དགོས།
©aculturame.com Jan Reurink
སྤྱི་ཡོངས་དང་ཆ་ཤས་གང་གི་ཐད་ནས་བལྟས་ཀྱང་
བོད་མིའི་རྒྱན་གོས་ཀྱི་གོང་ཞེང་ཆེ་ལ་བབ་ཆགས་པ།
ཉམས་ལྡན་པ་བཅས་ཀྱི་ཁྱད་ཆོས་ལྡན་པ་དེ་
ཁོང་ཚོ་གནས་སའི་ཁོར་ཡུག་དང་གནམ་གཤིས་དང་འཚམ་པ་མ་ཟད།
མི་རིགས་འདིའི་གང་དུ་སླེབས་ནའང་སེམས་མི་བདེ་བ་མེད་པ།
འཚེར་མེད་ཚོམ་མེད་དང་འདོད་ཆུང་ཆོག་ཤེས་ཀྱི་རང་གཤིས་དང་མཐུན།
©c1.staticflickr.com
མངོན་གསལ་དོད་པའི་སྤྱོད་སྒོ་ཆེ་བའི་ཇུས་འགོད་རྩ་དོན་གྱིས་
ཁོ་ཚོའི་ལྷུག་པོར་འཕྱོ་བའི་རང་དབང་གི་འཚོ་བ་དང་ལྷག་བསམ་ཟོལ་མེད་ཀྱི་བརྩེ་བ།
བློ་བདེ་བག་ཕེབས་ཀྱི་སེམས་ཁམས་སོགས་
མི་རིགས་འདིའི་གཤིས་ཀ་ནི་དངོས་གནས་རྒྱན་གོས་དང་མཚུངས་པ་ཞིག་རེད།
©folkcostume.blogspot.com
文字来源:
https://www.tibettravel.org/tibetan-people/tibetan-clothing-and-accessories.html
https://www.greattibettour.com/tibetan-culture/tibetan-clothing.html
https://www.tota.world/article/3606/
https://govt.chinadaily.com.cn/s/201903/21/WS5c935e5a498e079e6801bac9/tibetan-traditional-clothing.html
http://vi.raptor.ebaydesc.com/ws/eBayISAPI.dllViewItemDescV4&item=152251748419&category=79947&pm=1&ds=0&t=1505179532000&ver=0&cspheader=1&oversion=c93fc80b
https://www.tibetanlife.com/tibetan-coral.html
《藏族服饰的美学分析》李玉琴
图片来源:网络
编译:普桑加
编译
ཕུར་སྲུང་སྐྱབས།
PhurSungKyap
迦入藏文编辑员、翻译员
出生于青海省尖扎县,从小对藏文化极为喜爱并为其投入了太多的时间和精力。近几年来一直致力于对古今藏文化的研究和探索,对这一领域有了一定的理解和掌握,将来也会不断地探究与学习藏文化,会在此领域开拓出一片天地,为藏文化尽自己的微薄之力。
学习交流微信:PhurSungKyap
往期文章
可点击图片阅读
▼
《བོད་མིའི་གོམས་སྲོལ།》PSམེད་པའི་འབྲོག་པའི་ཁྲོམ་སྦྱར་པར་ལེན།
གནའ་བོའི་མཛེས་ཉམས་ལྡན་པའི་བོད་ཡུལ་གྱི་ཁྱིམ་ཆས།
བོད་ཀྱི་ལག་ཤེས་བཟོ་རྩལ་ཁྲོད་ཀྱི་“ཨེར་མེ་སི།” བོད་ཡུལ་གྱི་སྒམ།
ཕྱི་རྒྱལ་གྱི་སྒྱུ་རྩལ་པས་ཧི་མ་ལ་ཡའི་བསླས་འཐག་རྨི་ལམ།
སྣམ་བུ་ཐིག་རིས་གོན་པར་དགའ་བའི་བོད། ▎གསང་བའི་“མིང་རྟགས།”
纯银大鹏金翅吊坠
点击图片可进入小程序了解
▼
བོད་སྐད་ཀྱི་ཐད་སྦྲེལ། CHARU1607
客服微信:charuspace
未经作者允许请勿随意印刷转载 后果自负
合作及投稿微信:charuspace
您可能也对以下帖子感兴趣
{{{title}}}
文章有问题?点此查看未经处理的缓存